Saturday, February 29, 2020

སྐྱབས་རྗེའི་གསུང་རྩོམ། ༧

༈ རྔ་ཡབ་གླིང་ན་བཞུགས་པའི། །བླ་མ་ཨོ་རྒྱན་པད་མར། །ངེད་རང་གཞོན་ནུ་ཕོ་མོས། །གླུ་གར་མཆོད་པ་འབུལ་ལོ། །འདི་ཕྱི་བར་དོ་གསུམ་དུ། །འཇིགས་སྐྱོབ་སྐྱེལ་མ་མཛོད་ཅིག།།

གཡས་སུ་དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ། །གཡོན་དུ་དཔའ་མོའི་གར་སྟབས་ཤིགས་སེ་ཤིག། །ཟུང་འཇུག་བདེ་སྟོང་ཁ་སྦྱོར་འཁྲིགས་སེ་འཁྲིག། །ཟུང་འཇུག་བདེ་སྟོང་ཁ་སྦྱོར་འཁྲིགས་སེ་འཁྲིག།།
ཟག་མེད་བདེ་ཆེན་སྐྱིད་པའི། །མ་གཅིག་མཁའ་འགྲོ་སྡེ་ལྔར། །ངེད་རང་གཞོན་ནུ་ཕོ་མོས། །གླུ་གར་མཆོད་པ་འབུལ་ལོ། །ཕ་གཅིག་གུ་རུའི་དྲུང་དུ། །སྐྱེ་བར་བྱིན་གྱིས་རློབས་ཤིག།།

གཡས་སུ་དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ། །གཡོན་དུ་དཔའ་མོའི་གར་སྟབས་ཤིགས་སེ་ཤིག །ཟུང་འཇུག་བདེ་སྟོང་ཁ་སྦྱོར་འཁྲིགས་སེ་འཁྲིག །།ཟུང་འཇུག་བདེ་སྟོང་ཁ་སྦྱོར་འཁྲིགས་སེ་འཁྲིག།།

མི་མངོན་དབྱིངས་ན་བཞུགས་པའི། །བཀའ་སྲུང་དམ་ཅན་རྒྱ་མཚོར། །ངེད་རང་གཞོན་ནུ་ཕོ་མོས། །གླུ་གར་མཆོད་པ་འབུལ་ལོ། །བདུད་དང་བར་ཆད་ཀུན་ལས། །གྲོལ་བར་བྱིན་གྱིས་རློབས་ཤིག།།

གཡས་སུ་དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ། །གཡོན་དུ་དཔའ་མོའི་གར་སྟབས་ཤིགས་སེ་ཤིག།།ཟུང་འཇུག་བདེ་སྟོང་ཁ་སྦྱོར་འཁྲིགས་སེ་འཁྲིག།།ཟུང་འཇུག་བདེ་སྟོང་ཁ་སྦྱོར་འཁྲིགས་སེ་འཁྲིག།།

དུང་དུང་གུས་པའི་ཡིད་ཀྱིས། །ལྷང་ལྷང་སྙན་པའི་གླུ་གར། །ཡང་ཡང་མཆོད་པ་ཕུལ་བའི། །དགའ་སྟོན་སྐལ་བ་བཟང་བྱུང་། །ཡང་ཡང་མཆོད་པ་ཕུལ་བའི། །དགའ་སྟོན་སྐལ་བ་བཟང་བྱུང་།།

གཡས་སུ་དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ། །གཡོན་དུ་དཔའ་མོའི་གར་སྟབས་ཤིགས་སེ་ཤིག།།ཟུང་འཇུག་བདེ་སྟོང་ཁ་སྦྱོར་འཁྲིགས་སེ་འཁྲིག། །ཟུང་འཇུག་བདེ་སྟོང་ཁ་སྦྱོར་འཁྲིགས་སེ་འཁྲིག།།



No comments:

Post a Comment