༈
སྨན་ལྗོངས་ནོར་བུའི་གླིང་གི་རྒྱལ་ཁམས་ན། །སྐྱེས་བུ་དམ་པ་རྣམས་ཀྱིས་ལུང་བསྟན་ལས། །མཐུ་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་སྤྲུལ་མཆོག།།བརྒྱུད་འཛིན་བཞི་པའི་ཞབས་ལ་རབ་ཏུ་འདུད། །དགའ་སྐྱིད་དཔལ་གཡང་འཛོམས་པའི་ལྷ་ཡུལ་ནང་། །འགྱུར་མེད་རྡོ་རྗེའི་གསེར་ཁྲི་སྟེང་ལ་བཞུགས། །ཕྱག་ན་པད་མོའི་ཐུགས་ཀྱི་སྙིང་རྗེ་ལྟར། །འབངས་འཁོར་ཀུན་ལ་བརྩེ་བས་བུ་བཞིན་གཟིགས། །བྱང་སེམས་ཅན་གྱི་མི་དབང་རྒྱལ་པོ་མཆོག །ངལ་བ་དཀའ་ཚེགས་ཅན་དུ་མ་གཟིགས་པར། །རྒྱལ་ཁབ་མཐའ་དབུས་མེད་པར་ཞབས་ཀྱིས་བཅགས། །འཚོ་བའི་ལྷན་ཐབས་ཆེ་
བའི་སྐྱིད་སྡུག་མཛད། །རབ་མཛེས་མཚར་སྡུག་རྒྱས་པའི་རྒྱལ་པོའི་ཞལ། །རྒྱུ་སྐར་རྒྱལ་པོ་སྤྲིན་གྱི་སྒྲིབ་བྲལ་བཞིན། །ཡིད་ཀྱི་དཔག་བསམ་ལྗོན་ཤིང་འབྲས་བུའི་མཛོད། །འབྲུག་གཞུང་འབངས་འཁོར་རྣམས་ལ་ཕངས་མེད་སྟེར། །ལྷོ་མོན་ཁ་བཞི་འབྲུག་པའི་ཞིང་ཁམས་འདིར། །ཆོས་རྒྱལ་བྱང་ཆུབ་སེམས་དཔའི་ཐུགས་དབུས་ནས། །དགའ་སྐྱིད་དཔལ་འཛོམས་འོ་མའི་ཆུ་གཏེར་འཁྲུངས། །ཡིད་བཞིན་ནོར་བུའི་སྙན་གྲགས་ཀུན་ལ་ཁྱབ། །ཚོན་གྱིས་མ་བསྐུས་མཛེས་པའི་ཞལ་འཛུམ་ལས། །གསུངས་དབྱངས་སྙན་པའི་གསེར་གྱི་བཀའ་སློབ་བསྩལ། །སྐུ་ཚེ་འགྱུར་མེད་ནམ་མཁའི་ཉི་ཟླ་མཉམ། །མཛད་ཕྲིན་དར་ཞིང་རྒྱས་པའི་སྨོན་ལམ་ཞུའོ།།

No comments:
Post a Comment