Monday, February 24, 2020

རྗེ་མཁན་ཁྲི་རབས་བདུན་ཅུ་པའི་གསུང་རྩོམ། ༤

༈ ཡར་གྱི་དགུང་སངས་མཐོན་པོར། །ཉི་ཟླ་སྐར་གསུམ་འཛོམས་ལ། །འོད་ཀྱིས་ཁྲོམ་ཐོག་ཆོད་པ། །ཁྲི་གདུགས་ཉི་མ་ལགས་སོ། །འགྲོ་དྲུག་ཐར་ལམ་འདྲེན་པའི། །སེམས་དཔའ་རྒྱ་མཚོའི་དབུས་ན། །ཐུགས་རྗེ་དོ་ཟླ་མེད་པ། །སྤྱན་རས་གཟིགས་དབང་ལགས་སོ། །སྨན་ལྗོངས་ཡངས་པའི་གླིང་ལ། །གྲུབ་བརྙེས་གསེར་གྱི་འཕྲེང་བར། །ལུགས་
གཉིས་བསྟན་པའི་གསལ་བྱེད། །མཐུ་ཆེན་བླ་མ་ལགས་སོ། །རང་སེམས་འཁྲུལ་བའི་སྦུབ་ནས། །འཁྲུལ་མེད་རང་ངོ་སྤྲོད་པའི། །བཀའ་དྲིན་འཁོར་ཐབས་བྲལ་བ། །མཚན་ལྡན་བླ་མ་ལགས་སོ། །མ་དག་འཁྲུལ་པའི་རི་མོ། །དག་མཉམ་ཆོས་སྐུའི་རང་བཞིན། །བྱར་མེད་བློ་འདས་ཆེན་པོ། །སེམས་ཉིད་འདི་ཀ་ལགས་སོ།།

No comments:

Post a Comment