༈ རྒྱ་གར་སྐད་དུ། མ་ཧཱ་ཙ་ཀཱ་མ་ལ། བོད་སྐད་དུ། རྨི་ལམ་ངན་པའི་བཟློག་པ་ཞེས་བྱ་བའི་གཟུངས།
།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ན་མོ་སརྦ་བུདྡྷ་ཡ། ན་མོ་པྲ་ཏི་ཧ་ཏ།
ཤ་ས་ན་ཏི། ཏཏྱ་ཐཱ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཛྭ་ལ་ཛྭ་ལ་ཧཱུཾ་ཧཱུཾ་ཏིཥྛ་ཏིཥྛ༔ ཕཊ་ཕཊ་སྭཧཱ༔ འདི་ལན་གཅིག་བརྗོད་པ་ཙམ་གྱིས་རྨི་ལམ་ངན་པ་ཐམས་ཅད་བཟློག་པར་འགྱུར་རོ།།
རྨི་ལམ་ངན་པའི་བཟློག་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། མངྒ་ལཾ།།
Sunday, January 12, 2020
Friday, January 10, 2020
མཚན་དང་གཟུངས་སྔགས།
སྟོན་པ་ཐུགས་རྗེ་ཅན་གྱི་མཚན།
བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།།
མཆོད་དོ།། སྐྱབས་སུ་མཆིའོ།།
འོད་དཔག་མེད་ཀྱི་མཚན།
འོད་དཔག་མེད་ཀྱི་མཚན།
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།།མཆོད་དོ།།
སྐྱབས་སུ་མཆིའོ།།
Thursday, January 9, 2020
འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ།
༄༅།
།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།
།འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དི་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། །བདེ་བར་གཤེགས་པ། །འཇིག་རྟེན་མཁྱེན་པ།
།སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། །བླ་ན་མེད་པ། །ལྷ་དང་མི་རྣམས་ཀྱི་སྟོན་པ།
།སངས་རྒྱས་བཅོམ་ལྡན་འདས་ཏེ། །དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ།
།དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། །བཟོད་པ་དག་གིས་རབ་ཏུ་བརྒྱན་པ། །བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི།
།དཔེ་བྱད་
འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་བཞུགས་སོ།།
༄༅། །རྒྱ་གར་སྐད་དུ། ཨཱརྻ་བྷ་དྲ་ཙརྻ་པྲ་ཎི་དྷཱ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།
།ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན།
།དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ།
།ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས།
།རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ།
།རྡུལ་གཅིག་སྟེང་ན་རྡུལ་སྙེད་
སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་བཞུགས་སོ།།
༄༅། །ཀྱེ་མ་ཀྱི་ཧུད་རིག་འཛིན་པདྨ་འབྱུང༌། །བདག་འདྲ་ལས་ངན་སྙིགས་མའི་སེམས་ཅན་རྣམས། །བདེ་བ་འདོད་ཀྱང་སྡུག་བསྔལ་དོན་དུ་གཉེར། །སྙིང་རུས་ཕྱིན་ཅི་ལོག་རྣམས་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན། །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས། །ཐུགས་རྗེ་ལྡན་པའི་རྒྱལ་བ་ཁྱེད་ལྟ་བུས། །བོད་འབངས་བོར་ནས་རྔ་ཡབ་གླིང་དུ་གཤེགས། །གདོང་
Wednesday, January 1, 2020
ཆོས་ལ་འཇུག་པའི་རྩོམ།
༈
ཁམས་གསུམ་འཁོར་བའི་གནས་ཀྱི་མུན་པ་ནང་། །སྡུག་བསྔལ་མ་གཏོགས་བདེ་བ་ཡོད་མ་ཡིན།
།དེ་ཕྱིར་བློ་རིག་ཅན་གྱི་གཞོན་ནུ་རྣམས། །འཁོར་བའི་ཆོས་ལ་སྙིང་པོ་མེད་པར་བསམ།
།ཕྱི་མ་ཕན་པའི་ཐར་པའི་ལམ་བཟང་འདི། །ཆོས་ཀྱི་སྙིང་པོ་རང་གིས་སེམས་ནི་འདུལ།
།འཇིག་རྟེན་འཁྲུལ་པའི་ཆོས་ནི་དབེན་པར་བསྒོམ། །སུ་ལའང་རང་དབང་མེད་པར་རྟག་ཏུ་དྲན།
།དམ་ཆོས་ཡིད་བཞིན་ནོར་བུའི་མ་ཎི་བགྲང་། །སྔར་བྱས་སྡིག་པ་ཁོང་དུ་ཡང་ཡང་
Subscribe to:
Posts (Atom)